ས་ཆེན་གྱི་ངོ་གདུང་ལ་འཐམ་ནས་
སུ་ཞིག་གི་འདས་དོན་གླེང་བཞིན་
སུ་ཞིག་གི་ཕྱིར་ཡོང་ལ་སྒུག་ཡོད
པོ་ཏ་ལ། མེས་པོས་རྔམ་ཟིལ་གྱིས་བསྟོད་པའི་ཕོ་བྲང་དམར་པོ
དམག་རྟའི་ཟིལ་ཤུགས་ཀྱིས་ཁུར་བའི་འཛེང་རེགས་བརྗིད་པོ
ད་ལྟ་ས་ཆེན་པོའི་བྲང་གཞུང་ན་ཁུ་སིམ་མེར
སུ་ཞིག་གི་གསང་གཏམ་ལ་ཉན་བཞིན་
གང་ཞིག་ལ་རེ་འ༷དུན་བཅོལ་ཡོད
བསམ་བཞིན་བསམ་བཞིན་དེ་རིང་ང་
ཁྱེད་ཀྱི་རྒས་ཤིང་རལ་བའི་གྱང་རཉིང་དེར་ཅེར་བཞིན་
བློ་སྙིང་བྲང་གསུམ་རེ་བརྡར་ན
ངའི་མིག་ལམ་ན་ཐལ་རྡུལ་འཚུབ་པའི་དཔའ་བོའི་གཡུལ་འགྱེལ་དང་
རྒྱལ་ཁའི་དར་ཆ་འཆར་ཞིང
ངའི་རྣ་ལམ་ན་དམག་རྟའི་རྨུག་སྒྲ་དང་
གོ་འཁྲབ་ཀྱི་ཧྲག་སྒྲའི་
ཁྱེད་ཉིད་གླིང་ཆེན་ཨེ་ཤ་ཡའི་སྤྱི་གཙིག་ན་
རྔམ་བརྗིད་ཀྱིས་འགྱིང་བ་དྲན་གྱི་
དྲན་གྱི་་་་་་་་་
༢༠༡༢ ༢ ༢ཉིན།
No comments:
Post a Comment